སློབ་དཔོན་རིན་པོ་ཆེའི་ཞབས་བརྟན། 洛本啾美仁波切長壽祈請文

༑ སློབ་དཔོན་རིན་པོ་ཆེའི་ཞབས་བརྟན།

洛本啾美仁波切長壽祈請文

༈  ན་མོ་གུ་རུ་མཉྫུ་ཤྲཱི་ཡེ།

拿摩咕嚕曼珠師利耶

頂禮上師妙吉祥

འཁོར་འདས་ཡེ་དག་ཆོས་སྐུའི་ཀློང་།

括迭 椰達 確固隆

輪涅無別法身界

རང་བཞིན་འགགས་མེད་ལོང་སྐུའི་དཔལ།

壤形 嘎沒 隆固巴

自性無礙報身德

གང་ལ་གང་འདུལ་སྤྲུལ་བའི་སྐུ།

扛拉 扛度 竹北固

隨緣度化應化身

དབྱེར་མེད་རང་བྱུང་ཚེ་ཡི་ལྷ།

耶沒 壤炯 切以哈

無別自生長壽尊

འཆི་མེད་པདྨ་འབྱུང་གནས་ཀྱིས།

企沒 貝瑪 炯內既

無死蓮花生大士

འཕོ་ཆེན་དྭང་མའི་དངོས་གྲུབ་སྩོལ།

波千 檔美 哦竹作

賜大遷轉淨成就

ངེས་དོན་བསྟན་པའི་སྲོག་ཏུ་ཆེ།

登 顛北 碩督切

了義教法之命脈

འབྲེལ་ཚད་དོན་ལྡན་རིག་པ་འཛིན།

切 敦滇 梨巴晉

有緣具利覺性持

འདོད་ཆུང་ཆོག་ཤེས་དབེན་ཁྲོད་དུ།

堆芎 秋謝 溫綽督

少欲知足寂林中

བསྒྲུབ་པའི་རྒྱལ་མཚན་རྟག་ཏུ་འཛིན།

北 嘉辰 大督晉

修持勝幢恆執持

ཡང་དག་ལམ་སྟོན་སློབ་དཔོན་ཉིད་།

達 郎敦 羅奔尼

示清淨道阿闍梨

འཇིགས་བྲལ་རྡོ་རྗེའི་ཁྲིར་བཞུགས་ནས།

札 多傑 契朽內

安住不壞金剛座

ཐེག་དགུའི་ཡང་རྩེ་རྫོགས་ཆེན་གྱི།

固 楊介 卓千及

九乘之巔大圓滿

བསྟན་པའི་པད་ཚལ་རྒྱས་གྱུར་ཅིག

滇北 貝剎 傑啾季

教法蓮苑願增盛

ཆོས་ཉིད་གདོད་ནས་དག་ན་ཡང་།

尼 堆餒 達拿楊

法性雖然本清淨

ཆོས་ཅན་རྒྱུ་འབྲས་རྟེན་འབྱུང་མཐུས།

間 居椎 滇炯圖

諸法因果緣起力

བདག་གི་ལྷག་བསམ་དག་པ་ཡིས།

既 哈桑 達巴以

以我清淨之意樂

ཅི་ལྟར་སྨོན་བཞིན་འགྲུབ་གྱུར་ཅིག

大 蒙形 竹啾季

如所發願令成辦

ཅེས་པ་འདི་བྲག་དཀར་རྟ་སོ་གོང་མའི་གདན་རབ་འཛིན་པ་རིས་མེད་བསྟན་པའི་མངའ་བདག་དགེ་བའི་བཤེས་གཉེན་ཆེན་པོ་བསྟན་འཛིན་ནོར་བུ་མཆོག་གི་ཞལ་སློབ་དམ་པ་སློབ་དཔོན་འགྱུར་མེད་ཡེ་ཤེས་ཀློང་གྲོལ་གྱི་ཞབས་རྟེན་གསོལ་འདེབས་ཞིག་དགོས་ཞེས་མགོན་པོ་གང་གིས་ཞལ་སློབ་རྣམ་གྲོལ་གླིང་གི་མཁན་པོ་པ་སངས་བསྟན་འཛིན་དང་སློབ་དཔོན་ཐུབ་བསྟན་ཤེས་རབ་འགྱུར་མེད་གཉིས་ནས་བསྐུལ་ངོ་མི་ལྡོག་ཙམ་དུ་

札嘎達索祖師之法嗣持有者,利美教法之主,大善知識 尊勝滇津諾布之尊勝心子阿闍梨啾美耶些隆卓(不變智慧界解脫) 之長壽祈請文,因其心子南卓林堪布巴桑滇津與洛本圖殿雪勒啾美兩人之懇請,無法推辭故,

སེ་རུ་མ་ཕམ་པ་འགྱུར་མེད་བསྟན་པ་རྒྱལ་མཚན་ནས་བྲིས་པ་དགེ་ལེགས་འཕེལ།  མངྒ་ལཾ།།

謝如瑪龐巴 啾美滇巴嘉辰撰寫,願善業增長  吉祥如意

註:第四世噶陀給傑法王啾美滇巴嘉辰

Comments are closed.